འབྲུག་གི་མཁལ་རྡོག་ཚོགས་པ།
མི་ལུས་རིན་ཆེན་ཐོབ་རུང་རང་། །
བསོད་ནམས་ཆེ་ཆུང་ས་དང་གནམ། །
བསོད་ནམས་ཆུང་མི་གནམ་ལུ་བལྟ། །
མཁལ་རྡོག་དངོས་གྲུབ་ཞུཝ་མས་སྨོ། །
|
དགའ་སྐྱིད་སྐྱོང་ནི་བསམ་རུང་མཁལ་རྡོག་མེད།
།
མི་ཚེ་རེ་བ་རྫོགས་པའི་མིག་ཆུ་ཚུ། །
སྒྲོལ་མའི་ཐུགས་ཀྱི་བཟོད་རང་མ་ཚུགས་པར།
།
འབྲུག་གི་མཁལ་རྡོག་ཚོགས་པའི་དབུ་ཁྲིད་མཛོད།
།
|
བསོད་ནམས་ཆུང་རུང་སྤུན་ཆ་ཨིན། །
མཁལ་རྡོག་མེད་རུང་བཅོས་ཐབས་ཡོད། །
གྲོགས་རམ་ཐོག་ལས་མི་ཚེ་གསརཔ། །
ནུབ་པའི་ཉིམ་བཟུམ་ལོག་ཤར་ཚུགཔ། །
|
མ་དངུལ་མཁལ་རྡོག་གྲོགས་རམ་འབད་ནི་ལུ། །
བྱང་ཆུབ་སེམས་དཔའ་ང་བཅས་མི་སེར་ལུ། །
ཚོགས་པ་བཟོ་སྟེ་སྟབས་བདེ་ཕན་མི་ཕན། །
རྒྱལ་བཙུན་འབྲུག་མི་ཕུན་སུམ་ཚོགས་པར་ཤོག །
|
ནོར་བུ་མཁལ་རྡོག་ཐོབ་སྟེ་གིས། །
མི་ཚེ་གསརཔ་གི་ཐོག་ཁ་ལུ། །
འབྲུག་མི་ཡོངས་དང་ལགཔ་མཐུད་དེ། །
རྩ་གསུམ་གོང་དུ་བཀུར་བར་ཤོག །
|
ཁྲི་གདུགས་ཉིམ་བཟུམ་ཆོས་རྒྱལ་ལྔ་པ་བྱོན།
།
བཅོ་ལྔའི་ཟླ་བ་རྒྱལ་བཙུན་རྗེ་བཙུན་བྱོན། །
བྱམས་བརྩེ་ཐུགས་ཀྱིས་མ་བཞིན་རྟག་བུ་གཟིགས། །
སྤྲིན་དང་ཟ་གིས་བར་ཆད་མེད་པར་ཤོག །
|
བརྩམ་པ་པོ་༔ འཇིགས་མེད་
འཕྲིན་ལས།
It's about the Bhutan Kidney Foundation chaired by Gyeltsuen Jetsuen Pema
ReplyDelete