རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ།
༉ ཡུམ་ཨ་མའི་གཅེས་གཅེས་བུ་ཆུང་ང་། །
རང་མོ་གིས་ཧིང་ལས་གཅེས་རུང་རང་།
།
བུ་རང་གི་ལས་དང་འཁྲིལ་དགོ་པས།
།
ཕར་ལས་ལས་ཀྱི་ཉི་མ་ཤརཝ་ད་ལུ།
།
ཚུར་གྱི་ཁརཝ་རང་མ་ཞུ་ཞུ་དགོ་པས།
།
ཞུ་སྟེ་ཆུ་མོ་མ་འགྲོ་འགྲོ་དགོ་པས།
།
འགྲོ་འགྲོ་ལ་ལུང་སྐོར་ཏེ་འགྱོ་དགོ་པས།
།
དཔེ་མ་གཞི་འདི་དང་ཆ་འདྲཝ་སྦེ།
།
དུས་ད་རེས་ལས་ཀྱིས་དབངམ་ལས་བརྟེན།
།
ས་ཐིམ་ཕུག་ལུང་པར་འཁྱམས་དགོ་པས།
།
འཁྱམས་རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང།
།
གོངམ་བསོད་ནམས་ཡོན་ཏན་སྟོབས་ཤུགས་ཅན།
།
རང་དགའ་སྤྲོའི་ངང་ལུ་འཁྱམས་ནི་ཨིན།
།
ངེའི་ཆོས་གྲོགས་གཞི་བཟང་རྣམས་ལུ་ཡང།
།
སྐལ་བཟང་བའི་གོ་སྐབས་མ་བརླག་ཤིག
།
འཇིགས་མེད་ འཕྲིན་ལས།
Comments
Post a Comment