Triple Gem of Bhutan ( འབྲུག་གི་དཀོན་མཆོག་གསུམ།)
༉ སངས༌རྒྱས༌གཉིས༌པ༌ཨོ༌རྒྱན༌གུ༌རུ༌མཁྱེན།།
འབྲུག༌མི༌ཡོངས༌ལས༌བཀའ༌དྲིན༌མན་ཌལ་འཕུལ།།
ལྷན༌དུ༌སྐྱེ༌བའི༌དགེ༌བསྙེན༌སྡོམ༌པ༌འདི།།
ཉེ༌རིང༌མེད༌པར༌ཐོབ༌པའི༌དངོས༌གྲུབ༌གནང༌།།
ལེགས༌སོ༌ལེགས༌སོ༌སངས༌རྒྱས༌གཉིས༌པ༌ལུ།།
དཔལ༌ལྡན༌འབྲུག༌པ༌རིན༌པོ༌ཆེ༌རང༌མཁྱེན།།
འབྲུག༌གི༌བཀའ༌དྲིན༌འགྲན༌ཟླ༌མེད༌པ༌ཨིན།།
ཐུན༌མོང༌མེན༌པའི༌བཟའ༌བཅའ༌འགྲོ༌གསུམ༌བཅས།།
ངོ༌རྟགས༌ཅན༌གྱི༌སྒྲིག༌ལམ༌རྣམ༌གཞག༌གནང༌།།
རྒྱལ༌དར༌གནམ༌ལུ༌འཕྱར༌བའི༌སྲོག༌ཤིང༌ཨིན།།
རྒྱལ༌བརྒྱུད༌རིམ༌བྱོན༌རྣམས༌ལུ༌དགའ༌ཚོར༌ཞུ།།
དམག༌འཁྲུགས༌ལང༌པའི༌དམྱལ༌བའི༌ཁམས༌ནང༌ལས།།
ཕྱག༌བཤེད༌དཔའ༌རྟགས༌གུ༌ལུ༌སྐུ༌སྲོག༌བཞག།
བདེ༌སྐྱིད༌ཕུན༌ཚོགས༌ཉི༌མ༌ཤར༌བཅུག༌སྟེ།།
སྙན༌གྲགས༌ཕྱི༌ནང༌མེད༌པར༌འུར༌སྒྲ༌འདིར།།
འཇིགས༌མེད༌འཕྲིན༌ལས།
Comments
Post a Comment